About
About TaSHI
In recent decades, the rapid reshaping of the global economy and the emergence of digital technologies have drastically altered the lives of communities around the world, whilst simultaneously threatening the existence of marginalized languages, traditions, and ecosystems. In response to these changes, grassroots activists, scholars, and national and international organizations have sought new ways to "safeguard" and "preserve" languages and traditions. The Tibetan Sustainable Heritage Initiative (TaSHI, after the Tibetan word for 'auspicious') is an ambitious project aiming to work with Tibetan communities to collaboratively document and create new pathways to support the vitality, performance, and transmission of intangible cultural traditions. As traditions and languages around the world go silent in the face of social, technological and political pressures, increasingly affordable and ubiquitous digital technologies are shaping how communities engage with their endangered traditions. TaSHI provides an unprecedented opportunity to develop and test new ways of sustaining traditions in China's Tibetan communities. Findings from minority communities in authoritarian China, in turn, will model new ways to co-create more equitable and sustainable futures for endangered traditions and help to develop theoretical and practical perspectives of cultural sustainability that can be further applied to work with indigenous and marginalized communities within China, and around the globe.
TaSHI is currently funded by a four year UKRI Future Leaders Fellowship (FLF)
ཉེ་བའི་ལོ་བཅུ་སྐོར་ཁ་ཤས་རིང་འཛམ་བུ་གླིང་གི་དཔལ་འབྱོར་ལ་འགྱུར་ལྡོག་ཛ་དྲག་བྱུང་བ་དང་ཨང་ལྡན་ལག་རྩལ་བྱུང་བ་དེས་གོ་ལ་ཧྲིལ་བོའི་མི་སྡེ་སྤྱི་ཚོགས་ཀྱི་འཚོ་བ་རྨང་ནས་བསྒྱུར་བ་དང་ཆབས་ཅིག་གྲལ་ཟུར་དུ་དེད་པའི་སྐད་དང་སྲོལ་རྒྱུན། སྐྱེ་ཁམས་མ་ལག་སོགས་ཀྱི་ཚེ་སྲོག་ལ་འཇིགས་སྣང་སྐུལ་བཞིན་ཡོད་པ་རེད། འགྱུར་ལྡོག་འདི་དག་ལ་ཡ་ལན་སྤྲོད་ཕྱིར་གཉུག་གནས་ཀྱི་ལས་འགུལ་རྩོམ་མཁན་དང་ཞིབ་འཇུག་པ། རྒྱལ་ཁབ་རིམ་པ་དང་རྒྱལ་སྤྱིའི་སྒྲིག་འཛུགས་མང་པོས་སྐད་དང་སྲོལ་འདི་དག་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པར་ལམ་གསར་པ་བཙལ་པ་རེད། བོད་ཀྱི་ཤུལ་བཞག་ཡུན་གནས་ལས་གྲྭ་འདི་ནི་བོད་ཀྱི་མི་སྡེ་སྤྱི་ཚོགས་དང་མཉམ་འབྲེལ་སྒོས་མངོན་མིན་རིག་གནས་སྲོལ་རྒྱུན་ཁག་གི་འཚོལ་སྡུད་ལ་ཐབས་ལམ་གསར་བཏོད་ཀྱི་ཆ་ལྡན་པ་བཙལ་ཏེ་སྲོལ་རྒྱུན་དེ་དག་གི་ཚེ་སྲོག་དང་འཁྲབ་སྟོན། རྒྱུད་འཛིན་ལ་རམ་འདེགས་བྱེད་པའི་ལས་གཞི་ཆེན་པོ་ཞིག་ཡིན་ཞིང་། འཛམ་གླིང་ཡུལ་གྲུ་ཁག་གི་སྲོལ་རྒྱུན་དང་སྐད་ཡིག་རྣམས་སྤྱི་ཚོགས་དང་ལག་རྩལ། ཆབ་སྲིད་ཀྱི་གནོན་ཤུགས་དང་འཕྲད་དེ་གྲགས་མེད་དུ་ལུས་ཤིང་རིན་གོང་ཇེ་བདེ་དང་ཁྱབ་རྒྱ་ཇེ་ཆེ་ཡིན་པའི་ཨང་ལྡན་ལག་རྩལ་གྱིས་མི་སྡེ་སྤྱི་ཚོགས་འདི་དག་གིས་རང་རང་གི་སྲོལ་རྒྱུན་ལ་འབྲེལ་འདྲིས་བྱེད་སྟངས་གསར་པ་སྐྲུན་བཞིན་ཡོད། ལས་གྲྭ་འདིས་ཀྲུང་གོ་རུ་ཡོད་པའི་བོད་ཀྱི་མི་སྡེ་སྤྱི་ཚོགས་སུ་སྲོལ་རྒྱུན་ཡུན་གནས་བྱེད་པའི་ཐབས་ལམ་གསར་པ་སྔ་ན་མེད་པ་རེ་འདོན་སྤེལ་དང་ཚོད་ལྟ་བྱེད་རྩིས་ཡིན་ཞིང་། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་མི་སྡེ་སྤྱི་ཚོགས་སུ་ཤེས་རྟོགས་བྱུང་བ་དེ་དག་བརྒྱུད་དེ་ཉེན་ཁར་ཐུག་པའི་སྲོལ་རྒྱུན་ལ་ཡུན་རིང་གནས་པའི་མདུན་ལྗོངས་སྐྲུན་པར་མ་དཔེ་གསར་པ་རེ་མཉམ་འབྲེལ་སྒོས་གསར་སྤེལ་བྱས་པ་ཡིན་ན་དེས་རིག་གནས་ཡུན་གནས་ལ་གཞུང་ལུགས་དང་ལག་ལེན་གྱི་མཐོང་སྣེ་གསར་སྤེལ་བྱེད་པར་རམ་འདེགས་ཀྱང་བྱེད་ཐུབ་ཅིང་། མ་དཔེ་འདི་ཕྱིས་སུ་ཀྲུང་གོ་རུ་གཉུག་མར་གནས་ཞིང་གྲལ་ཟུར་དུ་དེད་པའི་མི་སྡེ་སྤྱི་ཚོགས་གཞན་རྣམས་དང་འཛམ་བུ་གླིང་གི་མི་སྡེ་སྤྱི་ཚོགས་གཞན་དང་གཞན་དུའང་ལག་ལེན་དུ་བསྟར་ཆོག་པ་ཡིན།
ལས་གཞི་འདིར་དབྱིན་ཇིའི་ཞིབ་འཇུག་དང་གསར་སྤེལ་ལྟེ་གནས་ཀྱི་མ་འོངས་པའི་དབུ་ཁྲིད་རོགས་དངུལ་གྱིས་མཐུན་རྐྱེན་སྦྱར།
近几十年来,全球经济的快速重塑和数字技术的出现极大地改变了世界各地社区的生活,同时也威胁着边缘化语言,传统和生态系统的存在。为了应对这些变化,草根活动人士,学者,国家级和国际级组织都在寻找新的方法来“保护”和“保存”语言和传统。西藏可持续遗产倡议TaSHI (藏语为“吉祥”)是一个雄心勃勃的项目。本项目与西藏社区合作,共同记录和创造新的途径去支持非物质文化传统的活力,表现和传播文化传统。随着世界各地的语言和传统在面对社会,技术和政治压力时保持沉默时,越来越廉价和无处不在的数字技术正在塑造着社区如何能参与其濒危灭绝的传统文化。TaSHI提供了一个前所未有的机会来开发和测试中国藏族社区维持传统的新方法。此外,本项目将用中国少数民族社区的研究结果为濒临灭绝的传统创造更公平和更可持续的未来创造新的模式。这些模式会有助于发展文化可持续性的理论和实践观点,这些观点可近一步应用于中国境内与全球范围内本土和边缘化社区的合作。
此项目资金来自英国国家科研与创新暑的未来领袖研究金 (Future Leaders Fellowship)
Our team
Dr Timothy Thurston (PI)
འབུམ་རམས་པ་འཇིགས་བྱེད་ལགས་ནི་ལི་ཛི་སློབ་གྲྭ་ཆེན་མོའི་རྒྱའི་ཞིབ་འཇུག་གི་སློབ་དཔོན་ཆེན་མོ་གཞོན་པ་ཡིན་ཞིང་བོད་ཀྱི་ཤུལ་བཞག་ཡུན་གནས་ལས་གྲྭའི་གཙོ་སྐྱོང་བའང་ཡིན། ཁོང་ལ་ལོ་དྲུག་ལྷག་གི་ཀྲུང་གོའི་ནུབ་རྒྱུད་དུ་ཡུལ་དངོས་རྟོག་དཔྱོད་བྱས་པའི་ཉམས་མྱོང་ཡོད་ཅིང་། བོད་ཀྱི་ཁ་ཤགས་དང་གར་ཆུང་། ངག་ཐོག་དང་འཁྲབ་སྟོན་རིག་གནས་ཀྱི་སྐོར་ལ་ཞིབ་འཇུག་གི་དཔྱད་རྩོམ་མང་དུ་སྤེལ་ཡོད།
Dr Tsering Samdrup (PDRA)
འབུམ་རམས་པ་ཚེ་རིང་བསམ་གྲུབ་ནི་ལི་ཛི་སློབ་གྲྭ་ཆེན་མོའི་བོད་ཀྱི་ཤུལ་བཞག་ལས་གྲྭའི་འབུམ་རམས་ཕྱི་ཚར་ཞིབ་འཇུག་པ་ཡིན་ཞིང་། དབྱིན་ཇིའི་ལོན་ཏོན་སློབ་ཆེན་དུ་འབུམ་རམས་པའི་བསླབ་གནས་བླངས་ཤིང་ད་ལྟའི་བར་དུ་བོད་ཡུལ་གྱི་སྐད་སྣ་མང་གི་གནས་སྟངས་དང་ལོ་རྒྱུས་ས་མིང་རིག་པ། ཡིག་ཆ་ཞིབ་བསྡུར་སོགས་བརྗོད་གཞིར་བྱས་པའི་ཞིབ་འཇུག་དཔྱད་རྩོམ་བཅུ་སྐོར་ཞིག་སྤེལ་མྱོང་།